Skip to main content Skip to search
'jim bzo/
ID:
T64776
  • འཇིམ་བཟོ (Tibetan, Tibetan script, Original)
    • >  'jim bzo/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  jimzo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་ཀྱི་འཇིམ་བཟོའི་ལག་རྩལ་ནི་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱ་ལྷག་གི་སྔོན་ནས་དར་ཟིན་པ་དཔེར་ན། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་ལྡིང་ཤེས་ཤ་བ་ཟེར་བ་དེས་འཇིམ་པ་ལ་མི་དང་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་འགྲོས་བྱེད་ཤེས་པ་ལོ་རྒྱུས་ཁག་གི་ནང་གསལ་ལོ། །

2. dung dkar bod rig pa'i tshig mdzod chen mo

བོད་ཀྱི་འཇིམ་བཟོའི་ལག་རྩལ་ནི་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱ་ལྷག་གི་སྔོན་ནས་དར་ཟིན་པ་དཔེར་ན་། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་ལྡིང་ཤེས་ཤ་བ་ཟེར་བ་དེས་འཇིམ་པ་ལ་མི་དང་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་འགྲོས་བྱེད་ཤེས་པ་ལོ་རྒྱུས་ཁག་གི་ནང་གསལ་ཞིང། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་འཇིམ་བཟོའི་ལྷ་སྐུ་མང་ཆེ་བ་བལ་པོའི་བཟོ་བོས་བཞེངས་དགོས་བྱུང་བ་ནི་སྐབས་དེར་བོད་མི་རིགས་ཀྱིས་སྤྱིར་བཏང་གི་མི་དང་སྲོག་ཆགས་ཀྱི་གཟུགས་འགྲོས་བཟོ་ཤེས་ཀྱང་། སངས་རྒྱས་ཆོས་ལུགས་ཀྱི་ལྷ་སྐུའི་རིགས་མཐོང་མ་མྱོང་བའི་དབང་གིས་དེ་འདྲ་བྱེད་བྱུང་བ་མ་གཏོགས་བོད་མིས་འཇིམ་བཟོ་བྱེད་མ་ཤེས་པ་དེ་འདྲ་མིན། དུས་རབས་བཅུ་པའི་དུས་མཇུག་ཏུ་བོད་ལ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་རྗེས་མཚོ་སྔོན་ཁུལ་དན་ཏིག་ས་ཆར་བཞུགས་པའི་ཀླུ་མེས་འབྲོམ་ཆུང་མེས་རྒྱལ་ནང་སར་གནས་མཇལ་ལ་ཕེབས་པའི་ལམ་ཞོར་ཁྲང་ཨན་གྲོང་ཁྱེར་དུ་རྒྱུན་རིང་ཙམ་བཞུགས་ཐོག དེ་སྔོན་རྒྱ་བཟའ་ཅིན་ཁྲེན་ཀོང་ཇོའི་ཡབ་གོང་མ་ཐང་མིང་ཙུངགི་སྐབས་བཞེངས་པའི་གནས་བརྟན་བཅུ་དྲུག་གི་འདྲ་བརྙན་རྣམས་བཤུས་ནས་བོད་ལ་བསྣམས་ཕེབས་ཏེ་དེ་དག་དཔེར་བླངས་ནས་བྲག་ཡེར་པའི་གནས་བཅུ་ལྷ་ཁང་ནང་གི་གནས་བརྟན་བཅུ་དྲུག་གི་འདྲ་སྐུ་རྣམས་ཐོག་མར་བཞེངས་ཤིང་། དེ་ནས་རིམ་གྱིས་བོད་དུ་དར་རྒྱས་བྱུང་། བོད་ལ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་བ་ནས་བཟུང་བོད་མི་རིགས་རང་ཉིད་ཀྱིས་བཟོས་པའི་འཇིམ་བཟོས་ལྷ་སྐུའི་ལག་རྩལ་ནི་ཡར་རྒྱས་ཆེན་པོ་བྱུང་སྟེ། རྭ་སྒྲེང་། སྣར་ཐང་། གསང་ཕུ་སོགས་ལ་ཡོད་པའི་འཇིམ་བཟོས་ལྷ་སྐུ་རྣམས་བཞེངས། དུས་རབས་བཅུ་བཞི་པའི་འགོར་བོད་ས་གནས་སུ་ཆོས་ལུགས་ཁག་གིས་དགོན་པ་མང་པོ་གསར་དུ་བཏབ་པ་དེ་ཚོའི་ནང་ལྷ་སྐུ་ཆེ་བ་རྣམས་བོད་མི་རང་གིས་བཞེངས་པའི་འཇིམ་བཟོ་ཤ་སྟག་ཡིན་ཅིང་། འགའ་ཞིག་ལ་ཐོག་ཚད་ལྔ་ཡོད་པ་དང་། ལག་རྩལ་གྱི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད། འཇིམ་བཟོས་ལྷ་སྐུ་ཆེ་ཤོས་གྲས་རྣམས་དེང་སྐབས་བསྡད་མེད་ཀྱང་འབྲིང་གྲས་འགའ་ཞིག་ནི་ལྷ་ས་གཙུག་ལག་ཁང་གི་ཇོ་བོའི་སྐུ་རྒྱབ་གཡས་གཡོན་དང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ལྷ་ཁང་ཆེན་མོ། སེ་འབྲས་གཉིས་ཀྱི་ཚོགས་ཆེན་འདུ་ཁང་སྦུག་གི་ལྷ་ཁང་བཅས་ཀྱི་ནང་ལ་ད་ལྟའང་མཇལ་རྒྱུ་ཡོད། པོ་ཏ་ལའི་ཕོ་བྲང་དམར་པོའི་ནང་དུས་འཁོར་ལྷ་ཁང་གི་དུས་འཁོར་བླ་བརྒྱུད་སྐུ་བརྙན་དང་། སྨན་ལྷ་ཁང་གི་སྨན་གྱི་བླ་བརྒྱུད་སྐུ་བརྙན་བཅས་ཁྱོན་སུམ་བརྒྱ་དང་བཅུ་ནི་འཇིམ་སྐུ་ཡིན། གཞན་ཡང་བོད་ཀྱི་བླ་མ་ཁག་གི་བླ་བརྒྱུད་ཀྱི་སྐུ་འདྲ་གསེར་དང་དངུལ་གྱིས་བཞེངས་པ་མང་པོ་ཞིག་གི་ཐོག་མའི་འདྲ་དཔེ་ཡང་འཇིམ་བཟོ་བས་བཟོ་དགོས། འཇིམ་བཟོའི་ལྷ་སྐུ་ཆེ་བ་མི་ཚད་ལས་ལྷག་པ་དང་ཐོག་ཚད་འགའ་ཞིག་ཡོད་པ་རྣམས་ཐོག་མར་ལྷ་བྲིས་པས་སྐུ་བརྙན་བཞུགས་ཡུལ་གྱི་རྒྱབ་ངོས་ལྡེབས་བྲིས་ཐོག་ཚད་དང་མཐུན་པའི་ཐིག་བཏབ་ནས་སྐྱ་རིས་བྲིས་རྗེས། སྐྱ་རིས་དེའི་ལྡབ་གསུམ་ནི་འབུར་བཟོའི་ཚད་ཡིན་པ་དེ་བོད་ཀྱི་ལེབ་བཟོ་དང་འབུར་བཟོའི་ཟུར་གསུམ་སྒོར་མོའི་རྩིས་ཐབས་ཡིན། ཕོ་བྲང་དམར་པོ་བཞེངས་སྐབས་འཇིམ་བཟོ་མཁས་པ་ཡོངས་རྫོགས་བསྡུས་པའི་ནང་རིམ་པ་བཞིར་ཕྱེ་ཡོད། རིམ་པ་དང་པོ་ནི་དབུ་ཆེན་ཡིན། དེའི་ལས་འགན་ནི་འཇིམ་བཟོའི་ལྷ་སྐུ་གལ་ཆེ་བའི་གྲས་བཞེངས་རྒྱུ་དང་། གསེར་སྐུ་དངུལ་སྐུ་རྣམས་ཀྱི་ཐོག་མའི་འདྲ་དཔེ་བཟོ་རྒྱུ། ལྷ་སྐུ་ཁག་གི་འབུར་བཟོའི་ཐིག་ཚད་གཏན་འབེབས་བྱེད་རྒྱུ། ལྷ་སྐུ་ཆེ་ཤོས་རྣམས་ཀྱི་ཞལ་ཕྱག་སྐུ་གཟུགས་གཙོ་བོའི་འབུར་བཟོ་བྱེད་རྒྱུ། འཇིམ་བཟོ་བ་ཡོངས་ལ་བཀོད་འདོམས་བྱེད་རྒྱུ་བཅས་ཡིན། རིམ་པ་གཉིས་པ་ནི་དབུ་ཆུང་ཡིན། དེའི་ལས་འགན་ནི་ལྷ་སྐུ་མང་ཆེ་བ་རང་ཉིད་ཀྱིས་ལག་བསྟར་བྱས་སྟེ་བཞེངས་རྒྱུ་དང་། དབུ་ཆེན་ལ་རོགས་རམ་བྱེད་རྒྱུ་ཡིན། རིམ་པ་གསུམ་པ་ནི་བྱིངས་གྲས་ཡིན། དེ་ཚོས་ལྷ་སྐུ་ཁག་གི་ཕྱག་མཚན་དང་། རྒྱལ་ཡོལ། པད་གདན། བཞུགས་ཁྲི་སོགས་བཟོ་རྒྱུ་དང་འཇམ་འདོན་རྒྱུ་བཅས་ཀྱི་ལས་འགན་འཁུར་དགོས། རིམ་པ་བཞི་པ་ནི། དཀྱུས་མའི་གྲས་ཡིན་ཅིང་། དཀྱུས་གྲས་ཆོས་འཇིམ་བཟོའི་རྒྱུ་ཆ་བཟོ་རྒྱུ་དང་འཇིམ་བཟོའི་ལས་ཀ་ཙག་ཙིག་གྲས་བྱེད་དགོས་པ་ཡིན། དཔེར་ན། ཕོ་བྲང་དམར་པོ་གསར་བཞེངས་སྐབས་འཇིམ་བཟོ་དབུ་ཆེན(ཆོས་འཕེལ་)མི་གཅིག དབུ་ཆུང་འཇམ་དབྱངས་སོགས་མི་བཞི། བྱིངས་གྲས་དང་དཀྱུས་གྲས་བསྡོམས་(བཙུན་ཆུང་སོགས)མི་གྲངས་སུམ་བཅུ་ཐམ་པ་ཡོད།

3. Rangjung Yeshe Dictionary

sculpture. [clay]

4. Ives Waldo Dictionary

sculpture [clay]

Phoneme: